南宫28

གལ་ཆེའི་དྲན་སྐུལ་ཞུ་རྒྱུར། 郑重提醒广大网民

2020-02-12 17:49 来源:昌都发布 点击:0

 རིམས་ནད་ཀྱི་མདུན་དུ་ང་ཚོས་དཀྲོག་གཏམ་མི་བཟོ་བ་དང་དཀྲོག་གཏམ་ལ་ཡིད་མི་ཆེས་པ།དཀྲོག་གཏམ་གཞན་ལ་མི་སྤེལ་བ་བཅས་བྱེད་དགོས།

疫情面前,不造谣、不信谣、不传谣

 

ཉེ་དུས་། རང་ལྗོངས་ཀྱི་གོང་འོག་ཚང་མས་སེམས་མཐུན་སྟོབས་སྒྲིལ་གྱིས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་སྔོན་འགོག་ཚོད་འཛིན་ལ་ཁ་གཏད་གཅོག་བཞིན་ཡོད། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྒྲིག་འཛུགས་ལྟར་རིམ་ཁག་ཚན་པས་ཁག་གིས་སྟོབས་ཤུགས་གཅིག་སྒྲིལ་དང་མཉམ་འགོག་མཉམ་བཅོས།ཁྲིམས་ལྟར་ཚན་རིག་དང་མཐུན་པ། གོ་རིམ་ནུས་ལྡན་ངང་ལས་དོན་ཁག་སྤེལ་བཞིན་ཡོད། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་རིམས་ནད་ལ་དུས་དང་རྣམ་པ་ཀུན་ཏུ་རྒྱ་ཆེའི་དྲ་དམངས་ཀྱི་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད།ཡིནའང་།དྲ་དམངས་འགའ་རེས་དོན་དངོས་གསལ་ཤེས་མ་ ཐུབ་པའི་གནས་ཚུལ་འོག་པོད་འཕྲིན་དང་གླེང་སྟེགས།སྐད་འཕྲིན་ཚོགས་པ། དེ་བཞིན་སྐད་འཕྲིན་གྲོགས་ཚོགས་སོགས་སུ “དྲ་སྤེལ་བྱེད་པ། ” གོ་ཐོས་ལ།”ནང་ཁུལ་ཡིག་ཆ “རང་ཉིད་ཀྱི་མྱོང་བ།”སོགས་རིགས་ཀྱི་དཀྲོག་གཏམ་ཆ་འཕྲིན་ཁྱབ་འགྲེམས་བྱས་ནས་སྤྱི་ཚོགས་ཀྱི་མི་རྣམས་ལོག་ལམ་དུ་འཁྲིད་པར་བྱེད། དེར་བརྟེན། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་གིས་རྒྱ་ཆེའི་དྲ་དམངས་རྣམས་ལ་དྲན་སྐུལ་གཟབ་ནན་ཞུ་རྒྱུར།

近日,全区上下勠力同心应对防控阻击新型冠状病毒感染的肺炎疫情。西藏自治区党委政府组织各部门通力协作、联防联控,依法科学、有序有效地开展各项工作。新型冠状病毒感染的肺炎疫情时刻牵动着广大网民的心,但有个别网民在不明真相的情况下,在微博、论坛、微信群、微信朋友圈中散布“网传”“听说”“内部文件”“亲身经历”类谣言信息,误导社会公众。在此,西藏自治区党委网信办:

 

གཅིག ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ཀྱི་འབྲེལ་ཡོད་ཆ་འཕྲིན་ཁག་གཞུང་ཕྱོགས་སྨྱན་སྦྱོར་དང་རིམ་ཁག་སྲིད་གཞུང་།འཕྲོད་བསྟེན་བདེ་ཐང་།རིམས་ནད་སྔོན་འགོག་ལྟེ་གནས་ལ་སོགས་གཞུང་ཕྱོགས་སྟེགས་བུས་ཁྱབ་བསྒྲགས་བྱས་པ་ཚད་གཞིར་འཛིན་དགོས།

一、关于新型冠状病毒感染的肺炎疫情的信息应以官方媒体、各级政府、卫生健康、疾控中心等官方平台权威发布为准。

 

གཉིས།  བདེན་དཔང་བྱས་མེད་པའི་ཆ་འཕྲིན་ཁྱབ་སྤེལ་མི་བྱེད་པ་དང་། བརྒྱུད་སྐུར་མི་བྱེད་པ།དཔྱད་གཏམ་མི་སྤེལ་བ།ཁྱབ་སྤེལ་བྱས་ཟིན་པ་དང་བརྒྱུད་སྐུར་བྱས་ཟིན་པའི་བདེན་དཔང་མེད་པའི་ཆ་འཕྲིན་དག་དུས་ཐོག་ཏུ་ཕྱིར་འཐེན་བྱས་ནས་དཀྲོག་གཏམ་མི་བཟོ་བ་དང་དཀྲོག་གཏམ་ལ་ཡིད་མི་ཆེས་པ།དཀྲོག་གཏམ་གཞན་ལ་མི་སྤེལ་བ་བཅས་བྱེད་ཐུབ་དགོས།  

二、未经证实的消息不发布、不传播、不评论,对已发布、转发或评论的不实信息要及时撤除,做到不造谣、不信谣、不传谣。

 

གསུམ། དྲ་ཐོག་ནས་ཆ་འཕྲིན་རྫུན་མ་ཁྱབ་བསྒྲགས་དང་ཁྱབ་སྤེལ་བྱས་ནས་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོས་ཚེ། དྲ་འཕྲིན་དང་སྤྱི་བདེ།  འཕྲིན་གཏོང་དོ་དམ་སོགས་ཚན་པ་ཁག་གིས་ཁྲིམས་སྲོལ་ལ་གཞིགས་ནས་ཆད་པ་གཅོད་ཀྱི་ཡིན།

三、对通过网络发布、传播虚假信息,造成不良社会影响的,网信、公安、通管等部门将依法依规处置。

 

བཞི། རང་འགུལ་ངང་བོད་དང་འབྲེལ་བ་ཡོད་པའི་འབྲེལ་ཡོད་རིམས་ནད་ཀྱི་ཁུངས་སྣེ་མཁོ་འདོན་དང་དོག་གཞི་ཡོད་པའི་ནད་གཞི་མཁོ་འདོན་བྱེད་པ་དང་སྦྲགས།རིམས་ནད་སྔོན་འགོག་ཐད་ཁ་གཏད་གཅོག་ཐབས་བྱེད་ཀྱི་གྲོས་འགོ་བཏོན་ནས་རིམས་ནད་སྔོན་འགོག་གི་ལས་དོན་ལ་གཞོགས་འདེགས་ཡག་པོ་བྱེད་དགོས།

四、请主动提供涉藏相关疫情线索,主动反映疑似病源,提出疫情防范对策建议,配合做好疫情防控工作。

 

དྲ་རྒྱའི་སྤྱི་ཚོགས་ནི་ཁྲིམས་སྐྱོང་སྤྱི་ཚོགས་ཡིན་པ་དང་། དྲ་རྒྱའི་བར་མཐོངས་ནི་ཁྲིམས་སྐྱོང་གི་བར་མཐོངས་ཡིན་པ།དྲ་རྒྱའི་ཆ་འཕྲིན་ཁྱབ་སྤེལ་ལ་ཁྲིམས་དང་གཞི་འཛིན་ས་ཡོད་པས།ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་གིས་ཚང་མར་དྲན་སྐུལ་བྱ་རྒྱུར།ཁྲིམས་སྐྱོང་གི་འདུ་ཤེས་འཛུགས་པ་དང་།རང་སྟོབས་ངང་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ།དབྱེ་འབྱེད་ཀྱི་ནུས་པ་རྒྱུན་ཆད་མེད་པར་གོང་མཐོར་གཏོང་བ།དཀྲོག་གཏམ་དུས་ཐོག་ཏུ་ཐེར་འདོན་བྱེད་པ་བཅས་བྱས་ནས་ཐུན་མོང་ཐོག་བདེ་ཐང་གི་དྲ་རྒྱའི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་བཟང་པོ་སྲུང་སྐྱོང་བྱེད་དགོས། 

网络社会是法治社会,网络空间是法治空间,互联网信息传播有法有规可循,区党委网信办提醒大家树立法治意识,自觉遵守法律法规,不断增强辨别能力,发现谣言及时举报,共同维护健康的网络环境和良好的社会秩序。

南宫28